འབྲོང་ཕྲུག་ལྷ་ཆེན་རྒྱལ།།(བདའ་ཚང་།) གཅིག ངས་ནམ་ཡང་ང་རང་སྐྱེས་ས་ཞིག་ནས་སྐྱེས་པ་དང་། ང་རང་སྐྱེས་རན་ཞིག་ལ་སྐྱེས་པ་རེད་བསམ་གྱིན་ཡོད། གཉིས། ང་སྐྱེས་དུས་ནི་རིག་གནས་གསར་བརྗེ་ཆེན་པོ་མཇུག་བསྡུས་ཟིན་པ་དང་། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཟིན་པའི་གཞུག་རེད། དེ་བས་རིག་གནས་ཀྱི་ཁོར་ཡུག་མི་ཆོག་རྒྱུ་མེད། ཡིན་ནའང་། སྐབས་དེའི་ང་ཚོ་འབྲོག་ས་འབྲོག་ཡུལ་ནས་སློབ་གསོའི་གནས་བབ་དེ་འདྲ་བཟང་རྒྱུ་མི་འདུག དེའི་རྐྱེན་གྱིས་ང་རང་ཐོག་མར་སློབ་གྲྭར་འགྲོ་ཐུབ་པ་དེ། གཅིག་ནས་ང་རང་གི་ཕ་རྒན་གྱིས་སློབ་ཆུང་ནས་སློབ་འབྲིང་...